༄༅།ཨེ་མ་ཧོ། ཕྱོགས་བཅུར་བཞུགས་པའི་རྒྱལ་བ་སྲས་དང་བཅས། །བདེ་གཤེགས་སྨན་རྒྱལ་མཆེད་བདུན་རིགས་གསུམ་མགོན། །སྒྲོལ་མ་དཀར་སྔོན་པ་ཎ་ཤ་བ་རི། །པདྨ་ཐོད་ཕྲེང་བདུད་འདུལ་སེང་ཆེན་རྒྱལ། །གྲུབ་གཉིས་རིག་འཛིན་རྩ་བརྒྱུད་བླ་མའི་ཚོགས། །སྙིགས་དུས་བགེགས་འདུལ་དཔའ་བོ་གཡུལ་ལས་རྒྱལ།།ཡི་དམ་མཁའ་འགྲོ་ཆོས་སྐྱོང་བསྲུང་མ་ལ། །གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ། །འགོས་ནད་ཡམས་རིམ་སྨྱོ་འབོག་རྒྱལ་ནད་དང་། །ནག་ཕྱོགས་འདྲེ་བདུད་ཤ་ཟ་རོ་ལོང་གདོན། །མི་མཐུན་རྐྱེན་ངན་འཇིགས་ཚོགས་མྱུར་དུ་བཟློག །བསྲུང་སྐྱོབས་བྱིན་རླབས་མཆོག་ཐུན་དངོས་གྲུབ་རྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཨོཾ་ཨ་ཧཱུྃ༔བཛྲ་མ་ཧཱ་གུ་རུ་ཤྲི་རི་ཧེ་རུ་ཀ་སརྦ་སིདྷི་ཧཱུྃ་ཕཊ༔ཅི་འགྲུབ་བཟླས་པའི་སྙིགས་དུས་ཀྱི་ནད་རིམ་གདོན་བགེགས་ལ་ཕན་ངོར་ཤར་བ་འགྲོ་འདུལ་གར་གྱི་རྡོ་རྗེའི་རིག་རྩལ་ཤར་འཕྲལ་བྲིས་པ་དགེའོ། །鉴于尽力念诵能有益对治浊世瘟疫魔祟故而显现,众达嘎杰多吉(第四世嘉绒朗智仁波切)之觉性妙力所现而即刻撰写,善哉!
班玛德东恭译
为消除世间各种病痛、瘟疫、违缘,使法界如母众生可身心清净、安住于法,不被恶业恼害,愿广大佛子多多念诵,利益有情!祈愿一切法界如母有情身心康泰,吉祥如意!
编者注:
03年疫情爆发时,第五世嘉绒朗智仁波切以最快的时间找人给汉地弟子翻译了第四世嘉绒朗智仁波切的伏藏《普传浊世降魔消病祈愿文》,给予所有弟子宽慰与安心。昨日,班玛德东师兄看到此文后,更加精确地翻译了该伏藏文,上师因而让发出来,希望大家能看到。祈愿众生安康,吉祥如意!